慈母之爱 - 泽旺拉姆
曲:索秀达杰
词:门·卫波
演唱:泽旺拉姆
音乐营销:梦飞船国际文化
འཇིག་རྟེན་མི་ཡུལ་དག་པའི་ཞིང་རེད།།
མི་ལུས་ལོན་པ་ཨ་མའི་དྲིན་ཡིན།།
མ་ལོའི་ཐུགས་རྗེ་རྒྱ་མཚོའི་ཟབ་རེད།།
ཨ་མ་མ་ལོ་འཇིག་རྟེན་མགོན་ཡིན།།
ཤེས་བྱ་ཡོན་ཏན་ནོར་བུའི་མཛོད་རེད།།
སློབ་སྦྱོང་གོ་སྐབས་ཨ་མའི་དྲིན་ཡིན།།
མ་ལོའི་བརྩེ་སྐྱོང་ནས་མཀའི་ཡངས་རེད།།
ཨ་མ་མ་ལོ་ཤེས་རབ་མིག་ཡིན།།
ལྟ་སྤྱོད་སྣ་ཚོགས་གྱང་ཁའི་རྩ་རེད།།
བླང་དོར་ཤེས་པ་ཨ་མའི་དྲིན་ཡིན།།
མ་ལོའི་ཁ་ར་བདུད་རྩིའི་རྐང་ཡིན།།
ཨ་མ་མ་ལོ་འཚོ་བའི་རྐང་ཡིན།།
བསྡད་ན་ཨ་མ་ཁྱིམ་གྱི་དྲོད་རེད།།
སོང་ན་མ་ལོ་སེམས་ཀྱི་རྟེན་ཡིན།།
མདོར་ན་ཡོད་ཚད་ཨ་མའི་དྲིན་རེད།།
ཨ་མ་མ་ལོ་ཚེ་རིང་ལོ་བརྒྱ།།