回家过年 - 白玛列珠
ད་ལོ་ཕ་ཡུལ་ཕྱོགས་ལ། ལོ་གསར་གཏོང་བར་ལོག་འགྲོ།
ས་ཐག་རིང་སོང་མ་བསམ། ཕ་མ་སྤུན་མཆེད་མཇལ་ཡོང་།
ཕ་མ་ཐུགས་སེམས་ལྷོད་ན། སྐུ་ཚེ་རི་ལས་བརྟན་པ།
ད་ལོ་ཕ་ཡུལ་ཕྱོགས་ལ། ལོ་གསར་གཏོང་བར་ལོག་འགྲོ།
ཕ་མ་སྤུན་མཆེད་འཛོམས་ནས། དགའ་དགའ་སྤྲོ་སྤྲོ་གནང་དང་།

དུས་ཚོད་མི་འདུག་མ་བསམ། དགའ་ཉེ་སྤུན་མཆེད་མཇལ་སོང་།
གྲོགས་པོ་མཉམ་འཛོམས་བྱུང་ན། གསེར་ཟངས་བརྒྱ་ལས་ལྷག་པ།
ད་ལོ་ཕ་ཡུལ་ཕྱོགས་ལ། ལོ་གསར་གཏོང་བར་ལོག་འགྲོ།
ཕ་མ་སྤུན་མཆེད་འཛོམས་ནས། དགའ་དགའ་སྤྲོ་སྤྲོ་གནང་དང་།
ད་ལོ་ཕ་ཡུལ་ཕྱོགས་ལ། ལོ་གསར་གཏོང་བར་ལོག་འགྲོ།
ཕ་མ་སྤུན་མཆེད་འཛོམས་ནས། དགའ་དགའ་སྤྲོ་སྤྲོ་གནང་དང་།
དགའ་དགའ་སྤྲོ་སྤྲོ་གནང་དང་།།