挚爱 - 阿克才华
词:于尼玛才让
曲:罗赛
发行:曲培音乐/念藏音乐
ནམ་མཁའི་སྐར་མ་གྲངས་མང་ཡང་།
བདག་གི་སེམས་ཀྱི་སྐར་ཆེན་དེ།
ནམ་མཁའ་འདི་ན་ཁྱོད་ལས་མེད།
འཇིག་རྟེན་འདི་ན་ཁྱོད་ལས་མེད།
བརྩེ་བ་འདིའི་བདག་པོ།
དུངས་བ་འདིའི་རྒྱབ་རི།
མི་ཚེ་འདིའི་གཏན་གྲོགས།
ཁྱོད་ཡོད་པས།
ངའི་གཞིས་ཁྱིམ་ཞིག་གི་བརྩེ་སེམས་ཀྱི་དྲོད་ཁོལ་རུམ་ཡོད།
ཁྱོད་ཡོད་པས།
ངའི་འཁོར་བ་ཞིག་གི་དུངས་ཞེན་གྱི་སྙིང་བོ་རྙེད་ཡོད།
ང་ཡི་ཚེ་གཅིག ང་ཡི་སྐྱ་ཡ།
འཇིག་རྟེན་མི་ཚོགས་གྲངས་མང་ཡང་།
བདག་བློ་གཏད་སའི་སྙིང་སྡུག་དེ།
ས་སྒང་འདི་ན་ཁྱོད་ལས་མེད།
འཇིག་རྟེན་འདི་ན་ཁྱོད་ལས་མེད།
ལས་དབང་གི་བདེན་པ།
ཡིད་ཆེས་ཀྱི་བློ་མིག
སྐྱིད་སྡུག་གི་དཔུང་རོགས།
ཁྱོད་ཡོད་པས།
ངའི་འཚོ་བ་ཞིག་གི་ཡིད་འོང་བའི་མཛེས་སྡུག་རྙེད་ཡོད།
ཁྱོད་ཡོད་པས།
ངའི་ལས་དབང་ཞིག་གི་གཏན་ཚིགས་ཀྱི་བདེན་པ་རུམ་ཡོད།
ང་ཡི་ཚེ་གཅིག ང་ཡི་སྐྱ་ཡ།
ང་ཡི་ཚེ་གཅིག ང་ཡི་སྐྱ་ཡ།