上帝保佑 (热门藏歌) - 东扎
词:旦增才仁
曲:日加
录音:旦正陈林
བུ་མོ་ཁྱོད་ས་ཆ་གང་ན་ཡོད།
གནའ་དེང་མའི་ལོ་ཟླ་ཨི་དྲན་ཀི།
བེའུ་ནག་ཆུང་འཚོ་སའི་ན་ལུང་དེ།
ངས་མ་བརྗེད་དམར་ཆུང་སེམས་ན་ཡོད།
བུ་ཆུང་ཁྱོད་ས་ཆ་གང་ན་ཡོད།
ལོ་གཞོན་པའི་ཞེ་འདང་ཨི་དྲན་ཀི།
གསེར་སེར་བོའི་མཛུབ་དཀྲིས་རྟ་སྒ་མ།
ངས་མ་བོར་རིན་ཆེན་ལུས་ན་ཡོད།
ཨོ་ཧོ་ཧོ ཞང་ཡེ་རེ་ལོ།
ཨོ་ཧོ་ཧོ ཞང་ཡེ་རེ་ལོ།
ཁྱོད་རང་སྐྱིད་ཅིང་བདེ་བའི་སྐྱབས་འཇུག་ལྷ་ལ་ཞུས་ཡོད།
ནང་ན་ཟླ་བརྩེ་བའི་རི་མོ་ཅན།
སྡེ་གཅིག་ནས་འཛོམས་ན་དྲན་ཡོང་ཀི
འདང་མེ་ཏོག་འཁྲུངས་སའི་རུ་སྡེ་ནས།
ཁྱོད་དྲན་པའི་སྨྲེང་གླུ་ང་ཡིས་ལེན།
རི་མཐོན་པོ་སྨུག་པའི་རྒྱལ་མཚན་ཅན།
སྨུག་འཐིབ་ནས་ཡོང་ན་དྲན་ཡོང་ཀི
རུ་སྟོད་སྨད་རུ་ལམ་ཁ་ཁ་ནས།
འདང་མི་འགྱུར་དམ་བཅའ་ང་ཡིས་འཇོག
ཨོ་ཧོ་ཧོ ཞང་ཡེ་རེ་ལོ།
ཨོ་ཧོ་ཧོ ཞང་ཡེ་རེ་ལོ།
ཁྱོད་རང་སྐྱིད་ཅིང་བདེ་བའི་སྐྱབས་འཇུག་ལྷ་ལ་ཞུས་ཡོད།
ཁྱོད་རང་སྐྱིད་ཅིང་བདེ་བའི་སྐྱབས་འཇུག་ལྷ་ལ་ཞུས་ཡོད།