欢迎来到 小样儿目录

ས་འཛིན་དཀར་པོ་ - 普布卓玛《那时的你》

དེ་དུས་ཀྱི་ཁྱེད། གཞས་ཚིག རག་ཤི་ཀརྨ་བསམ་གཏན། གཞས་མ། ཕུར་བུ་སྒྲོལ་མ་། ལམ་ལ་འགྲུལ་མྱོང་བའི། ཁ་སང་གི་རོགས། སེམས་ལ་དྲན་མྱོང་བའི། དེ་དུས་ཀྱི་ཁྱེད། ལུས་ཀྱི་བར་ཐག་ཆོད་ཚར་ཡང་། སེམས་ཀྱི་བར་ཐག་ནམ་ཆོད་འགྲོ། ཕལ་ཆེར་ཚེ་སྔོན་ཆད་པའི་བུ་ལོན་ཡིན་འགྲོ། ཤར་ཡོང་བ་བཅོ་ལྔའི་ཟླ་བ། དྲན་ཡོང་བ་ཁྱེད་ཀྱི་ཞལ་རས། ཟླ་འོད་མཚོ་ལ་ཕོག་པའི་དུས། གཏམ་རྒྱུད་ཞིག་གི་སྙན་ངག་གྱེར། ཕལ་ཆེར་ཚེ་སྔོན་ཆད་པའི་བུ་ལོན་ཡིན་འགྲོ། མཉམ་དུ་འགྲུལ་མྱོང་བའི། ཁ་སང་གི་རོགས། སྙིང་ལ་ཟུག་མྱོང་བའི། དེ་དུས་ཀྱི་ཁྱེད། ཁ་ཡི་སྐད་ཆ་མེད་ཚར་ཡང་། ཉལ་བའི་རྨི་ལམ་ནམ་་ཡལ་འགྲོ། ཕལ་ཆེར་ཚེ་སྔོན་ཆད་པའི་བུ་ལོན་ཡིན་འགྲོ། ལྷུང་ཡོང་བ་སྟོན་ཁའི་ལོ་མ། འཁོར་ཡོང་བ་མིག་གི་འཆི་ཞགས། སྡོང་ལོ་ས་ལ་ལྷུང་བའི་དུས། གཏམ་རྒྱུད་ཞིག་གི་རྫོགས་ཚིག་བྲིས། ཕལ་ཆེར་ཚེ་སྔོན་ཆད་པའི་བུ་ལོན་ཡིན་འགྲོ།
热门歌词