དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ།།在拉萨,卫藏佛法之净土
བཙན་པོ་གདུང་རྒྱུད་བཞུགས་པའི་མཁར།།赞普后裔所居之宫殿
བརྗིད་ཆགས་ཡིད་འོང་པོ་ཏ་ལ།།光彩夺目令人倾心之布达拉
ལྷ་ས་ལྷ་ཡི་ཞིང་ཁམས་འདྲ།།拉萨似天界乐土
བརྗིད་ཆགས་ཡིད་འོང་པོ་ཏ་ལ།།光彩夺目令人倾心之布达拉
ལྷ་ས་ལྷ་ཡི་ཞིང་ཁམས་འདྲ།།拉萨似天界乐土
བོད་རྒྱལ་སྲོང་བཙན་བཞེངས་པའི་གནས།།吐蕃松赞干布所建之地
གནས་ཆེན་གཙུག་ལག་ཁང་ཆེན་ནང་།།大昭寺巍巍殿堂之内
ཇོ་བོ་ཉི་མ་རང་ཤར་བཞུགས།།觉沃释迦牟尼安住其中
ལྷ་ས་ལྷ་ཡི་ཞིང་ཁམས་འདྲ།།拉萨似天界乐土
ཇོ་བོ་ཉི་མ་རང་ཤར་བཞུགས།།觉沃释迦牟尼安住其中
ལྷ་ས་ལྷ་ཡི་ཞིང་ཁམས་འདྲ།།拉萨似天界乐土
གཞུང་ལུགས་རིག་པའི་འབྱུང་བའི་གནས།།显宗佛法源流之圣地
མཁན་སློབ་སྟོང་ཕྲག་འདུས་པའི་ཞིང་།།千众师徒荟萃之道场
གདན་ས་སེ་འབྲས་དགའ་གསུམ་གནས།།三大寺甘丹、色拉、哲蚌矗立于此
ལྷ་ས་ལྷ་ཡི་ཞིང་ཁམས་འདྲ།།拉萨似天界乐土
གདན་ས་སེ་འབྲས་དགའ་གསུམ་གནས།།三大寺甘丹、色拉、哲蚌矗立于此
ལྷ་ས་ལྷ་ཡི་ཞིང་ཁམས་འདྲ།།拉萨似天界乐土
བཤེས་གཉེན་ཆོས་འཁོར་བསྐོར་བའི་ཞིང་།།善知识转动法轮之净土
དཔོན་ཆེན་དམངས་ལ་བརྩེ་བའི་གནས།།仁政官员慈爱百姓之所
འབངས་མི་བསོད་ནམས་བསག་པའི་ཞིང་།།众生积攒福德资粮之田
ལྷ་ས་ལྷ་ཡི་ཞིང་ཁམས་འདྲ།།拉萨似天界乐土
འབངས་མི་བསོད་ནམས་བསག་པའི་ཞིང་།།众生积攒福德资粮之田
ལྷ་ས་ལྷ་ཡི་ཞིང་ཁམས་འདྲ།།拉萨似天界乐土
ལྷ་ས་ལྷ་ཡི་ཞིང་ཁམས་འདྲ།།拉萨似天界乐土
未经许可,不得翻唱或使用