欢迎来到 小样儿目录

洛桑甲措、卓玛吉 - 哭嫁女

哭嫁女 - 洛桑甲措/卓玛吉
词:才让扎西
曲:娘则加
བཙན་དབང་ལས་ཀྱི་གནས་ཡུལ་ཁ་སང་འདས།
ཕུགས་བསམ་དྲོན་མོའི་གཞིས་ཡུལ་དེ་རིང་རྙེད།
ཁྱེད་ནི་སྟེང་མ་ལྷ་ཡི་སྲས་མོ་ཡིན།
ཁྱེད་ནི་ཁ་བའི་ཡུལ་གྱི་ལྷ་མོ་ཡིན།
སྒོ་ཁྱམས་གྲུ་བཞིའི་གཏམ་རྒྱུད་ཁ་སང་བྲིས།
འཛམ་གླིང་གཡས་སྐོར་ལྟད་མོ་དེ་རང་མཐོང།
ཁྱེད་ནི་གངས་རིའི་བུས་པའི་ཡུམ་ཆེན་ཡིན།
ཁྱེད་ནི་མཐོ་སྒང་འདི་ཡི་རེ་བ་ཡིན།
ཧ ཧེད །
ཁྱེད་ནི་གངས་རིའི་བུས་པའི་ཡུམ་ཆེན་ཡིན།
ཁྱེད་ནི་མཐོ་སྒང་འདི་ཡི་རེ་བ་ཡིན།
བུ་མོ་མ་ངུ་བུ་མོ་ཡར་ལ་ལོངས།
བཙན་དབང་ལས་ཀྱི་གནས་ཡུལ་ཁ་སང་འདས།
ཕུགས་བསམ་དྲོན་མོའི་གཞས་ཡུལ་དེ་རིང་རྙེད།
ཁྱེད་ནི་སྟེང་མ་ལྷ་ཡི་སྲས་མོ་ཡིན།
ཁྱེད་ནི་ཁ་བའི་ཡུལ་གྱི་ལྷ་མོ་ཡིན།
སྐྱེ་དམན་ནག་མོའི་མིག་ཆུ་ཁ་སང་གཏོར།
དབྱངས་ཅན་ལྷ་མོའི་འཛུམ་ཞལ་དེ་རིང་རྒྱས།
ཁྱེད་ནི་འཇིག་རྟེན་འཁོར་བའི་རོལ་དབྱངས་ཡིན།
ཁྱེད་ནི་ཕ་བཟང་བུ་ཡི་བློ་སྤོབས་ཡིན།
ཧ ཧེད །
ཁྱེད་ནི་འཇིག་རྟེན་འཁོར་བའི་རོལ་དབྱངས་ཡིན།
ཁྱེད་ནི་ཕ་བཟང་བུ་ཡི་བློ་སྤོབས་ཡིན།
བུ་མོ་མ་ངུ་བུ་མོ་ཡར་ལ་ལོངས།
བུ་མོ་མ་ངུ་བུ་མོ་ཡར་ལ་ལོངས།
བུ་མོ་མ་ངུ་བུ་མོ་ཡར་ལ་ལོངས།
热门歌词