欢迎来到 小样儿目录

久迈嘎瓦 - 舞池

རྨ་གཡང་བྲོ་ར་ཁྲ་མོ།
舞池
གཞས་ཚིག ཚེ་ཤུལ་བསྟན་པའི་སྒྲོན་མེ།
歌词:财旭旦贝仲劢
གཞས་དབྱངས། དམངས་ཁྲོད།
歌曲:民间
ལེན་མཁན། འཇིགས་མེད་དགའ་བ།
演唱:久迈嘎瓦
སྟོད་ན་རྨ་ཆེན་གངས་ཀྱི་རི་ཡག།
玛卿雪山入云端
སྨད་ན་རྨ་དར་རིང་མོའི་རྒྱུན་རིང་།།
黄河碧水绕青山
ཕ་ས་ཕ་ཡུལ་གཡང་གི་རི་སྡེ་སྨུག་པོ།།
这是我的故乡啊
ཆབ་དཔལ་རིག་གསུམ་འཛོམས་པའི་རྨ་ཡུལ་དར་ལག།
繁荣兴旺玛域欢
གཡང་གི་དགོས་འདོད་འཕེལ་བའི་བཀྲ་ཤིས་ཤོག་ཅིག།
愿吉祥如意永相伴
~
སྟོད་ན་རྫ་ཡག་རི་རྩེ་གངས་ཡིན།།
上有巍巍高山耸
སྨད་ན་མཚོ་ཡག་མཚོ་མོ་གཡས་འཁྱིལ།།
下有明镜湖泊涌
ཕ་ས་ཕ་ཡུལ་འབྲོག་གི་རི་སྡེ་ཕྱུག་མོ།།
这是我的故乡啊
རྟ་ནོར་ལུག་གསུམ་འཛོམས་པའི་རྨ་ཡུལ་དར་ལག།
牛羊骏马踏春风
ཕྱུག་གི་དངོས་གྲུབ་འཇོ་བའི་བཀྲ་ཤིས་ཤོག་ཅིག།
愿故乡吉祥永昌隆
~
སྟོད་ན་སེང་འབྲུག་སྟག་རྩེའི་མཁར་བརྗིད།
上有狮龙宫殿煌
སྨད་ན་གཡུ་ལུང་སུམ་མདོའི་ལྗོངས་མཛེས།།
下有玉龙松多美
ཕ་ས་ཕ་ཡུལ་གླིང་དཀར་དཔའ་བོའི་ལྷ་སྡེ།།
这是格萨尔故乡
སྙན་སྒྲུང་རིག་པའི་བང་མཛོད་རྨ་ཡུལ་དར་ལག།
英雄传说永流芳
སྙན་པའི་ལེགས་ཚོགས་འགྲུབ་པའི་བཀྲ་ཤིས་ཤོག་ཅིག།
愿玛域吉祥万年长
热门歌词