欢迎来到 小样儿目录

冰雪姐妹 - 幸福的沃土

བདེ་སྐྱིད་ཀྱི་གཤིན་ས།
幸福的沃土
གཞས་ཚིག རྡོ་སྦིས་ཚེ་རིང་ནོར་བུ།
作词:道帏·才让闹吾
གཞས་གདངས། གྲུ་བ་སེང་འབྲུག
作曲:智王桑珠
གཞས་གཏོང་མཁན། ཁ་བའི་མེ་ཏོག་ཚན་སྡེབ།
演唱:冰雪姐妹
རོལ་མོ། གྲུ་བ་སེང་འབྲུག
编曲:智王桑珠
སྒྲ་ལེན་པ། དཀོན་མཆོག་དར་རྒྱས།
录音:关却达杰
སྒྲ་ཞིབ་སྦྱོར་བ། ཕིན་ཙི།
混音/后期制作:萍子
༡、དཔེ་ཁུག་ཆུང་ཆུང་རྒྱབ་ལ་ཁུར།
དབྱངས་གསལ་སོ་བཞིའི་འབྲི་ཀློག་སྦྱངས།
མི་ཚེའི་གོམ་ཁ་གསར་བ་བསྙེགས།
རེ་བའི་སྤོབས་པ་འདི་ནས་རྒྱས།
རིག་གནས་ཀྱི་གདན་ས།
ང་ཡི་སློབ་གྲྭ།
གཟི་བརྗིད་ལྡན།
ངའི་ཤེས་རབ་ཀྱི་གཤིན་ས།
ངའི་བདེ་སྐྱིད་ཀྱི་མྱུ་གུ་འབུས་ས།
མ་ཡུམ་སློབ་གྲྭ་ལགས།
ནམ་ཡང་བདག་གི་དད་པའི་གཙུག་ན་ཡོད།
༢、སློབ་དཔོན་དམ་པས་གདམས་ངག་གནང་།
བུ་ཆུང་རྨོངས་བའི་གཉིད་ལས་སད།
མི་ཆོས་སློབ་གསོ་ཐོག་མར་གསན།
བརྩོན་པའི་སྙིང་སྟོབས་འདི་ནས་རྒྱས།
ཤེས་རབ་ཀྱི་དེད་དཔོན།
ང་ཡི་དགེ་རྒན།
སྐུ་དྲིན་ཆེ།
ངའི་ལམ་སྟོན་གྱི་སྒྲོན་མེ།
ངའི་མ་རིག་པའི་མུན་པ་སེལ་ས།
མ་ཡུམ་སློབ་གྲྭ་ལགས།
ནམ་ཡང་བདག་གི་གུས་པའི་ཀློང་ན་ཡོད།
༣、ན་ཆུང་གྲོགས་ཀྱི་ལག་གདང་སྦྲེལ།
སྤྱང་དང་ལུ་གུའི་གནའ་གཏམ་བཤད།
ཨ་བཅུ་ཆ་བཅུའི་གླུ་ཆུང་བླངས།
ལྷད་མེད་བརྩེ་སེམས་འདི་ནས་རྒྱས།
བརྩེ་མདངས་ཀྱི་མེ་ཏོག
ང་ཡི་སློབ་གྲོགས།
བློ་སེམས་དཀར།
ངའི་རྒྱབ་བརྟེན་གྱི་བླ་རི།
ངའི་རྒྱང་བསྐྱོད་ཀྱི་གཤོག་རྩལ་རྒྱས་ས།
མ་ཡུམ་སློབ་གྲྭ་ལགས།
ནམ་ཡང་བདག་གི་དྲན་པའི་དབུས་ན་ཡོད།
སྤྱི་ལོ༢༠༢༥ལོའི་ཟླ༥པའི་ཚེས༡༨ཉིན།
热门歌词