欢迎来到 小样儿目录

黑土地组合 - 守候你的纯洁

守候你的纯洁 - 黑土地组合
ཁྲེལ་གཞུང་འཚོ་རོགས་ཀྱི་བུ་མོ
གཞས་ཚིག ཚེ་དཔག་རྣམ་རྒྱལ
གཞས་གདངས སྒྲོལ་མ་སྐྱབས
གཞས་མཁན ས་ནག་གཞས་ཚོགས
ནམ་ཟླ་དབྱར་གཞུང་ཞིག་ལ
རྩྭ་ལྗང་ཟིལ་བ་ཁྲོམ་ཁྲོམ
མེ་ཏོག་བཀྲག་མདངས་ལམ་ལམ
སྙིང་གཏམ་ཆུ་མོ་ཤག་ཤག
འཇམ་ཤ་དང་རྫུ་བག་ཁུར་བའི་སེར་ཆེན་ཁྱོད
འཛུམ་ཀོང་དང་ཟུར་མིག་སྨིན་པའི་བུ་མོ་ཁྱོད
མེ་ཏོག་གི་ཚུལ་དུ འཇའ་ཚོན་གྱི་ཟོལ་གྱིས
མཛེས་སྡུག་གི་རྨི་ལམ་དུ་བབས་བྱུང་
ཚིག་གསུམ་བཤད་རོགས་ཀྱི་བུ་མོ
ཁྲེལ་གཞུང་འཚོ་རོགས་ཀྱི་བུ་མོ
ནམ་ཟླ་དབྱར་གཞུང་ཞིག་ལ
བསིལ་འཇམ་རླུང་བུ་ཤིག་ཤིག
སྤྲིན་དཀར་འདབ་མ་ལྡེམ་ལྡེམ
དུངས་ཞེན་ལུ་གུ་ལྡིང་ལྡིང
དམ་ཚིག་དང་སོར་གདུབ་ཁུར་བའི་བུ་མོ་ཁྱོད
དྲན་གདུང་དང་ཞེན་ཆགས་འཐུ་བའི་བུ་མོ་ཁྱོད
ཆུ་ཐིགས་ཀྱི་ཚུལ་དུ་ ན་བུན་གྱི་ཟོལ་གྱིས
དུངས་སེམས་ཀྱི་མཚོ་ཁ་རུ་བབས་བྱུང
ཚིག་གསུམ་བཤད་རོགས་ཀྱི་བུ་མོ
ཁྲེལ་གཞུང་འཚོ་རོགས་ཀྱི་བུ་མོ
热门歌词